གཙོ་ངོས།

ཡོང་ཁུངས་Wikipedia
Jump to navigation Jump to search


ཀློང་རྡོལ་དུས་མཆོད་ཀྱི་སྐོར།

༈ གྲུབ་དབང་ཀློང་རྡོལ་རིན་པོ་ཆེའི་དུས་མཆོད་ནི། བོད་ཟླ་བཞི་པའི་ཚེས་གསུམ་ཉིན་འཚོགས་སྲོལ་ཡོད་ལ། དེ་ཡང༌། ཀློང་རྡོལ་རིན་པོ་ཆེ་ལྷོ་ཁ་ས་ཁུལ་དུ་བྱ་བྲལ་བྱོན་དུས་དད་ལྡན་རྣམས་ནས་ཕུལ་བའི་དངུལ་ཆས་དང་དངུལ་ཊམ་རྣམས་ཕྱོགས་བསྡུས་ཀྱིས་མ་རྩ་གཏན་འཇོག་དང་འབྲེལ་སྐྱབས་ཐོ་བྲིས་མཛད་དེ་བོད་ཟླ་བཞི་པའི་ཚེས་གསུམ་ཉིན་ཚོམས་ཇ་སྟར་ཆགས་གཏོང་དགོས་ཀྱི་བཀའ་གནང་བ་ལྟར་ད་ལྟའི་བར་མ་ཆད་པར་ཚོགས་བཞིན་པ་ཡིན།

བཀྲ་ཤིས་པའི་ཉིན་མོ་འདིར་ཀློང་རྡོལ་རིན་པོ་ཆེ་ཚོམས་ཇར་ཕེབས་རྒྱུའི་ཞལ་བཞེས་ཡོད་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་རྩི་སྲོལ་མཆིས། དེ་ཉིན་རྒན་གཞོན་ཚང་མ་ཚོམས་ཇར་ཕེབས་ཏེ་ཁམས་ཚན་ཐུན་མོང་མ་ཡིན་པའི་རྟ་དབྱངས་དང་བཅས་བླ་མ་མཆོད་པའི་ཚོགས་འཁོར་ལྷོད་དལ་གྱི་ངང་གཏོང་བར་མཛད་ཅིང༌། སྔར་ཁང་ཚན་གྱི་ར་སྐོར་ནང་དུ་འཚོགས་སྲོལ་ཡོད་པ་བཞིན་དམ་ཁྲིའི་སྟེང་ཁྲི་ཆས་གསར་སྒྲོན་གྱིས་ཀློང་རྡོལ་སྐུ་བརྙན་བཞུགས་སུ་གསོལ་བ་དང་། དེང་གི་ཆར་ཡང་འདུ་ཁང་དབུས་སུ་ཀློང་རྡོལ་བཞུགས་ཁྲི་གསར་རྒྱག་གིས་ཀློང་རྡོལ་རིན་པོ་ཆེའི་སྐུ་འདྲ་བྱིན་ཅན་དང༌། ཀློང་རྡོལ་སྒྲོལ་མ་བཅས་བཀུར་བསྟི་ཆེན་པོའི་ངང་གདན་དྲངས་ནས་བཞུགས་སུ་གསོལ་བ་དང༌། ཚོགས་མང་ནས་རིམ་གྱིས་མཇལ་ཁ་ཞུ་ནས་ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་གང་ཤེས་རྒྱག་སྲོལ་མཆིས་པ་བཅས་ཡིན།

དྲ་སྦྲེལ་ཀྱི་སྐོར།


རིག་མཛོད་ངོས་འཛིན།


རྒྱུན་སྤྱོད་ཅ་ལག


རིག་མཛོད་ཀྱི་ཕུགས་འདུན།





གང་ཟག་སུ་ཡིན་རུང་། སྐད་རིགས་གང་ཡིན་རུང་། འགྲོ་བ་མི་སྤྱིའི་རིག་གནས་ཐམས་ཅད་མཉམ་ལེན་བྱེད་ཐུབ་པར་བྱ་རྒྱུ་ནི་ཝེ་ཁེ་རིག་མཛོད་ཀྱི་ལས་འགན་དང་ཕུགས་འདུན་ཡིན།

              ཞེས་ཝེ་ཁེ་རིག་མཛོད་ཀྱི་གསར་བཏོད་པ་ཝེལ་སི་ནས།


ལྷག་བསམ་གྱི་འབོད་སྐུལ།

གུས་འོས་པའི་ཝེ་ཁེ་རིག་མཛོད་ཀྱི་རིགས་མཐུན་རྩོམ་སྒྲིག་པ་རྣམ་པ་ལ་ཆེད་ཞུ།། རང་ཅག་གིས་ཤེས་གསལ་ལྟར། བོད་ཡིག་གི་ཆ་འཕྲིན་ལ་གཏེར་མཛོད་ཅན་དུ་གཏོང་རྒྱུ་ནི་རིགས་མཐུན་ཡོངས་ཀྱི་རེ་བའི་ཞིང་ས་ཡིན་པ་དང་། ཆབས་གཅིག་རྗེས་རབས་པ་ཡོངས་ལ་བཞག་པའི་བྱས་རྗེས་ཆེན་པོ་ཞིག་ཡིན་ཕྱིར། ཝེ་ཁེ་རིག་མཛོད་འདི་སྒྲིག་ནས་རང་ནུས་ཅི་ཡོད་ཀྱིས་ཤེས་བྱ་རྒྱ་མཚོ་ཆུ་ཐིགས་ལྟ་བུ་འདི་གང་ལེགས་ངང་འདི་ལ་བསྣོན་འཇུག་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཆེན་པོ་ཞིག་དུ་བསྒྱུར་དགོས་ཡོད། ཝེ་ཁེ་རིག་མཛོད་ཀྱི་བོད་ཡིག་གི་རྒྱུ་ཆ་ནི་རང་ཅག་ལ་མཚོན་ན་ཤིན་དུ་གལ་ཆེན་ཡིན་པ་དང་ཆ་འཕྲིན་དུས་རབས་སུ་གོམ་པ་སྤོ་པའི་ལམ་བུ་ཉག་ཕྲ་དེ་ཡིན་པ་རེད། གཞན་ཡང་ནང་རྒྱལ་དུ་ཡོད་པའི་བོད་ཀྱི་དེ་མཚུངས་དྲ་བ་རྣམ་ལ་ཆབ་སྲིད་ཀྱི་ནང་དོན་ཞུགས་ཡོད་པ་དང་ཡང་ན་དྲ་གནས་ཀྱི་ས་འཕྲིན་གང་བྱུང་དེ་ལ་གནོད་པ་བྱུང་སླ་བས་འདི་ནས་བདེ་འཇགས་དང་བློ་གཟུར་བོར་གནས་པའི་རིག་གནས་ཤེས་བྱ་སོགས་སྤེལ་པར་མཐུན་རྐྱེན་ལེགས་པོ་མཁྱོངས་ཡོད། དེ་བས་མཐུན་རྐྱེན་བཟང་པོ་འདི་ཉིད་མཁོ་དང་བསྟུན་ནས་དམ་འཛིན་བྱ་རྒྱུར་ཀུན་ལ་འོས་འགན་ཡོད་པ་རེད། ང་ཚོ་ནས་བཟུང་སྟེ་འགོ་བརྩམས་ནས་རིགས་མཐུན་གང་མང་འདིའི་ཕྱོགས་ལ་ཁ་སྣོན་རྒྱག་པའི་ལས་སུ་ཞུགས་པའི་རེ་སྐུལ་དང་བཅས།། ནམ་ཡིན་ཡང་རང་གིས་རིག་གནས་འདི་ཉིད་མ་ཉམས་གོང་སྤེལ་དུ་གཏོང་རྒྱུ་དང་ཆ་འཕྲིན་དུས་རབས་འདི་ལ་བེད་དང་ལྡན་པའི་དོན་གཉེར་རྒྱུའི་འདུན་པ་དང་བཅས། རིགས་མཐུན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།