རྩོམ་པ་པོ། རྩེ་གཞུང་གདུགས་དཀར་སྐྱབས།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་ནང་དུ་སྐྱེས་པའི་འབྲོག་པ།

སུམ་པའི་མ་ཤགས་ཆེད་པོ་བཀླགས་པའི་ཟིན་ཐོ། རྩེ་གཞུང་གདུགས་དཀར་སྐྱབས།

སུམ་པའི་མ་ཤགས་ཆེད་པོ་བྱ་བ་འདི་ནི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་བཅུ་བའི་གྲས་སུ་བཞུགས་ཤིང་། བརྗོད་བྱ་ལ་དཔགས་ན་ལེགས་བཤད་ཀྱི་གྲས་སུ་བསྡུ་རུང་བར་སྙམ། སྐབས་འདིའི་སུམ་པ་ཞེས་པ་རྒྱལ་ཕྲན་སུམ་པ་དེ་ཡིན་ནམ་སྙམ་ལ། མ་ཤགས་ཞེས་པའི་དོན་ནི་ཁ་ཚོན་ཆོད་པས་སྨྲ… ཞིབ་ཏུ་ཀློག →

ཨ་མདོའི་ཕལ་སྐད་ཁྲོད་ཀྱི་བརྡ་ཁ་ཅིག་གི་ཁུངས་བསྟན་པ། རྩེ་གཞུང་གདུགས་དཀར་སྐྱབས་ཀྱིས།

འདིར་མདོ་སྨད་ཨ་མདོ་བ་དག་གི་ཕལ་སྐད་དུ་སྣང་བའི་བརྡ་འགའ་ཞིག་ཡི་གེར་ཇི་ལྟར་འབྲི་རིགས་ཚུལ་ཐད་ཅུང་ཟད་སྤྲོ་བར་འདོད་དེ། དེ་ལྟ་བུ་ཤེས་པ་ཡང་དགོས་གལ་ཆེ་བར་འདུག་སྟེ། དེང་སང་བརྡ་དང་ཐ་སྙད་སྣང་བ་གང་དྲན་གྱིས་སྤྱོད་པ་དེ་དག་མིག་ལ་མི་རན་ཞིང་། བོད་ཀྱི་སྐྱེས་ཆེན་སྔ་མ་དེ་དག་གི་གསུང་ལ་མ་བསླབ་པའི་དེ་ཉིད་སྟོན་པའང་ཡིན་པས། འདིར་ཡི་གེ་ཁུངས་ཐུབ་དུ་མའི་རྒྱབ་རྟེན་དང་བཅས་ཏེ་དེའི་ཚུལ་ཅུང་ཟད་གླེང་བར་བྱེད་དོ།

སྡེ་པ་ཨ་བར་རམ་མི་དབང་སངས་རྒྱས་རྒྱ་མཚོ་གླེང་བ། རྩེ་ཆུ་གདུགས་དཀར་སྐྱབས།

སྡེ་སྲིད་གང་དུ་འཁྲུངས་པ་དང་ཡབ་ཡུམ་སོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་ལྷ་སའི་བྱང་གི་ཉང་བྲན་གྲོང་སྨད་ཅེས་པར་འཁྲུངས་ཤིང་། ཡུལ་དེ་ནི་ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་བས་ཉང་བྲན་ཞེས་ཐོགས་པར་མི་དབང་སྡེ་སྲིད་གསུངས་ལ། ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་ཞུ་བ་གཉིས་ཀྱི་སྲས་སུ་འཁྲུངས།&… ཞིབ་ཏུ་ཀློག →

ཆག་ལོའི་ལམ་ཡིག་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དྲངས་པའི་ཆག་ལོའི་ལམ་ཡིག་གཉིས།

དེ་ཡང་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྒྱ་གར་གྱི་གནས་ཚུལ་སོགས་གསུངས་དུས་ཁུངས་དང་རྒྱབ་རྟེན་དུ་བྱས་ཡོད་པའི་ཕྱག་དཔེ་ནི་ཧ་ཅང་མང་པོ་ཡོད་ཅིང་། ཆག་ལོའི་ལམ་ཡིག་ཅེས་པ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། ཁོང་གིས་ཐུགས་སྣང་ཆེར་མཛད་པའི་ཕྱག་དཔེ་ཞིག་ཀྱང་ཡིན་ཏེ། དེབ་ཐེར་དཀར་པོ་དང་གཏམ་རྒྱ… ཞིབ་ཏུ་ཀློག →

དབའ་བཞེད་བཀླགས་པའི་ཟིན་བྲིས།

  སྦ་བཞེད་ལ་དབའ་བཞེད་དམ་སྦ་བཞེད་ཞབས་བཏགས་མ་སོགས་རིགས་མང་པོ་སྣང་ཞིང་། སྔོན་གྱི་ཆོས་འབྱུང་ལོ་རྒྱུས་ཏེ།《རྒྱལ་རབས་གསལ་བའི་མེ་ལོང》དང《དེབ་ཐེར་སྔོན་པོ》《ཆོས་འབྱུང་མཁས་པའི་དགའ་སྟོན》《དེབ་ཐེར་རྫོགས་ལྡན་གཞོོན་ནུའི་དགའ་སྟོན》སོགས་སུ་དེ་ནས་ལུང་དྲངས་པ་མང་ཞིང་། དེ་ཡང་དཔའ་བོ་གཙུག་ལག་པས་སྦ་བཞེ… ཞིབ་ཏུ་ཀློག →

ཁོ་མོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་རྣམ་འགྲེལ་དང་འཁྲུལ་སེལ།རྩེ་ཆུ་གདུགས་དཀར་སྐྱབས།

དིང་སང་རྩོམ་འབྲི་མཁན་ཕལ་མོ་ཆེས་ཁོ་མོ་ཞེས་པའི་མིང་འདི་བུད་མེད་གཞན་པ་བོད་པའི་བརྡ་ལ་སྦྱོར་བཞིན་འདུག་མོད། ཡི་གེ་རྙིང་བ་མང་པོ་ན་དེ་ཉིད་བུ་མོ་ང་རང་ཞེས་པའི་དོན་འབའ་ཞིག་ཏུ་སྤྱད་ཡོད་ཅིང་། དེ་དག་གི་ཁུངས་སོགས་རེ་རེ་བཞིན་དྲངས་ཚེ་ཡི་གེའི་ལས་སུ་ཆེ་ཞིང་། དགོས་པ་ཡང་ཆེར་མེད་པས་ཉུང་ལ་བསྡུས་པ་ཞིག་ག… ཞིབ་ཏུ་ཀློག →

གུ་གེ་ཁྱི་དང་བ་དཔལ་ཡེ་ཤེས་ཀྱིས་མཛད་པའི༼ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད༽ ཅེས་པ་བཀླགས་པའི་ཟིན་ཐོ།

དང་པོ། རྣམ་ཐར་མཛད་མཁན་ངོ་སྤྲོད། རྣམ་ཐར་འདི་ཉིད་ཀྱི་རྩོམ་པ་པོ་ནི་དཔལ་ཡེ་ཤེས་ཞུ་བ་དེ་ཉིད་ཡིན་ཅིང་། འདི་ཉིད་ཀྱི་རྣམ་ཐར་སོགས་ནི་ད་ཕན་ལག་ཏུ་མ་ཐོབ་ཅིང་། ལོ་ཆེན་དང་ཁོང་གཉིས་ཀྱི་འབྲེལ་བ་ཅི་ཡིན་སོགས་ཀྱི་ཐད་དུ་ཡང་གསལ་ཁ་མ་ངེས་མོད། རྣམ་ཐར་རང་དུ་བླ་མ་ལོ་ཙཱ་བ་ཞེས་དང་བླ་མ་དེ་ཉིད་ཀྱི་བཀའ་དྲིན་དྲ… ཞིབ་ཏུ་ཀློག →

རྫོང་ཁ་རུ་སྐད་ཆ་ཚན་པ་རེར་བྱ་ཚིག་གཅིག་འདྲ་གཉིས་མཉམ་དུ་སྤྱོད་སྲོལ་ཡོད་པའི་སྐོར་ཅུང་ཞིག་གླེང་བ

འབྲུག་པའི་རྫོང་ཁ་རུ་སྐད་ཆ་ཚན་པ་གཅིག་གི་ནང་དུ་འདྲ་བའི་བྱ་ཚིག་གཉིས་མཉམ་དུ་སྦྱོར་སྲོལ་ཡོད་ཅིང་། དཔེར་ན། ང་ཡིས་ཁྱེད་ལ་བཤད་པ་ཡིན་ཞེས་པར། ང་གི་ཁྱེད་ལུ་ལབ་ལབ་པ་ཨིན་ཞེས་ཟེར་ལ། ཁྱེད་ཀྱི་གམ་དུ་བཏང་པ་ཡིན་ཞེས་པར།ཁྱེད་སྦེ་ས་བཏང་བཏང་པ་ཨིན་ཞེས་དང་། ང་ལ་གནངས་པ་ཡིན་ཞེས་པར་ང་ལུ་སྦྱིན་སྦྱིན་པ་ཨིན་ཞ… ཞིབ་ཏུ་ཀློག →

ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་<<དད་པའི་ལོ་ཐོག་རྒྱས་བྱེད་དངོས་གྲུབ་ཀྱི་ཆར་འབེབས>>བཀླགས་པའི་མྱོང་ཚོར།

  ད་རེས་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་<<དད་པའི་ལོ་ཐོག་རྒྱས་བྱེད་དངོས་གྲུབ་ཀྱི་ཆར་འབེབས>> ཞེས་པའི་གནའ་དཔེ་དེ་ལ་ཚར་གཅིག་བལྟས་གྲུབ་ཅིང་། བལྟས་རྗེས་བདག་ལ་ཆེད་དུ་བརྗོད་པར་བྱ་བ་འདི་ཡོད་དེ། རྣམ་ཐར་དེ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་&#82… ཞིབ་ཏུ་ཀློག →

ཐོན་མི་སཾ་བྷོ་ཊའི་ལོ་རྒྱུས་ཐུང་ངུ་།

         ཐོན་མི་སཾ་བྷོ་ཊའི་ལོ་རྒྱུས་ཐུང་ངུ་།  ཐོན་མི་སཾ་བྷོ་ཊ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཡིན་ལ། བོད་ལ་ཡི་གེ་མེད་པ་ཡང་ཁོང་གིས་གསར་དུ་བཟོས་པས། མཛངས་བློན་ཞེས་ཕྱི་མའི་མི་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཞིང་། དེ་མིན་བློན་པོ་མགར་དང་སྟབས་སུ་རྒྱ་བཟའ་བལ་བཟའ་བསུ་རུ་རྒྱ་བལ་… ཞིབ་ཏུ་ཀློག →

འབྲུག་པའི་གཞུང་སྐད་ཀྱི་ཁྱད་ཆོས་རགས་ཙམ་གླེང་བ། རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས།

འབྲུག་ཡུལ་དུ་རྫོང་ཁག་ཉི་ཤུ་ལས་མེད་རུང་། སྐད་ཀྱི་ཐད་དུ་ཁྱད་པར་ཆེ་བར་བཤད་དེ། དེ་ལ་བུམ་ཐང་གི་སྐད་དང་། ཤར་ཕྱོགས་ཀྱི་རྫོང་ཁག་ཚོའི་ནང་བཀོལ་བཞིན་ཡོད་པའི་སྐད་སོགས་དབྱེ་བ་ཧ་ཅང་མང་ཞིང་། འདིར་བཤད་པར་བྱ་བའི་འབྲུག་པའི་གཞུང་སྐད་ནི་ནུབ་ཕྱོགས་ཀྱི་རྫོང་ཁག་དེ་ཚོའི་སྐད་ཡིན་ཅིང་། འབྲུག་མི་བྱིངས་ཀྱིས… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑